Breadcrumb navigation - the following list shows your current location on the website:

གྲོས་ཐག་གཅད་ནི་གྲོགས་རམ་འབད་མི་ དབྱེ་རིམ་ ༥ །

ང་བཅས་ཀྱི་ གྲོས་ཐག་ངོ་མ་གཅད་ནིའི་ལས་འགུལ་ གྱི་ཆ་ཤས་གཅིག་སྦེ་ ང་བཅས་ཀྱིས་ གྲོས་ཐག་གཅད་ནི་ལུ་ རྒྱབ་སྐྱོར་འབད་མི་ སྦྱར་ཡིག་དང་ཟུར་བརྗོད་ཆ་ཚང་གཅིག་ གསར་བཏོད་འབད་ཡོདཔ་ཨིན།

ང་བཅས་ཀྱིས་ བློ་རིག་སྐྱོན་ཅན་ཚུ་དང་ ཨཱས་ཊི་ལི་ཡ་ནང་འཁོད་ ཁོང་རའི་རྒྱབ་སྐྱོར་པ་དང་མཉམ་ གྲོས་ཐག་གཅད་ནི་སྐོར་ལས་བློ་སླབ་ཡོདཔ་ཨིན།

ང་བཅས་ཀྱིས་ མི་ཚུ་ གྲོས་ཐག་གཅད་ནི་གྲོགས་རམ་འབད་ནི་དང་ ལག་ལེན་འཐབ་ནིའི་དོན་ལུ་ འཇམ་ཏོང་ཏོ་འབད་མི་ དབྱེ་རིམ་ ༥ བཟོ་ཡོདཔ་ཨིན།

  1. གྲོས་ཐག་འདི་འཚོལ་ཞིབ་འབད་དེ་ གྲོས་ཐག་གཅད་ནིའི་སྐོར་ལས་མནོ་བསམ་གཏང་། ཁྱོད་ག་ཅི་འབད་ནི་ཨིན་ན? ག་ཅི་སྦེ་འབད་ནི?
  2. འབྲེལ་བ་ཡོད་པའི་མི་འབྲེལ་གཏོགས་འབད་དེ་ ཁྱོད་ཀྱིས་ བློ་གཏད་པའི་མི་ལས་ གྲོས་ཐག་གཅད་ནི་དོན་ལུ་ གྲོགས་རམ་ལེན།
  3. གདམ་ཁ་གཞན་ཚུ་དང་ འདི་གི་འབྲེལ་འབྱུང་ཚུ་མནོ་བསམ་གཏང་སྟེ-ཁྱོད་རའི་གདམ་ཁ་རྐྱབ་མི་འདི་ལུ་བལྟ་ཞིནམ་ལས་ འདི་གི་ ཉེན་ཁ་གི་སྐོར་ལས་མནོ་བསམ་གཏང་།
  4. གྲོས་ཐག་ངོ་མ་གཅད་དེ་ ཁྱོད་རའི་འཆར་གཞི་འདི་ལག་ལེན་འཐབ་སྟེ་ ངོ་འབྱུང་སྲིདཔ་སྦེ་བཟོ།
  5. ག་ཅི་འབད་ཡི་ག་ བསམ་ཞིབ་འབད་དེ་- ཁྱོད་རའི་གྲོས་ཐག་འདི་ལུ་ རྒྱབ་ལོག་འབད་། འདི་ ག་དེ་སྦེ་འགྱོ་ཡི་ག་མནོ་བསམ་གཏང་ཞིནམ་ལས་ ཁྱོད་ཀྱི་ག་ཅི་ལྷབ་སྦྱང་འབད་ཡི།

ང་བཅས་ཀྱིས་ ཁྱོད་ར་ སེམས་ཁར་བཞག་ཚུ་ནིའི་དོན་ལུ་དང་ དབྱེ་རིམ་ ༥་ ལག་ལེན་འཐབ་ཚུགས་ནི་དོན་ལུ་ སྦྱར་ཡིག་དང་ཟུར་བརྗོད་ བཟོ་ཡོདཔ་ཨིན། དེ་ཚུ་ ཁྱོད་ཀྱིས་ འོག་ལུ་ཕབ་ལེན་འབད་ཚུགས།