This is your current location on the website:

ཁྱོད་རའི་ཞབས་ཏོག་ ཁྱོད་རའི་དབང་ཆ་ འཛིན་སྐྱོང་གི་ཤོག་བྱང།

ང་བཅས་ཀྱིས་ ཁྱོད་རའི་ཞབས་ཏོག་ ཁྱོད་རའི་དབང་ཆ་ འཛིན་སྐྱོང་གི་ཤོག་བྱང།ལུ་ སེམས་ཁམས་ནད་ཡོད་མི་ཚུའི་དོན་ལས་ འཛིན་སྐྱོང་གི་ཤོག་བྱང་བཟོ་ཡོདཔ་ཨིན།

མི་ཚུ་ ཁོང་རའི་དབང་ཆ་གི་སྐོར་ལས་ལྷབ་སྟེ་ ཁོང་ལུ་ དབང་པོ་སྐྱོན་ཅན་གྱི་ཞབས་ཏོག་ ལག་ལེན་འཐབ་པའི་སྐབས་ ག་ཅི་ཁག་ཆེ་སླབ་ནི་ལུ་ཆ་རོགས་འབད་ནི་དོན་ལས་ འཛིན་སྐྱོང་ཤོག་བྱང་རེ་ལུ་ ཤོག་བྱང་ཡོངས་བསྡོམས་ ༨༠ ཡོདཔ་ཨིན།

འདི་ཚུ་ རང་རྐྱང་སྦེ་ལག་ལེན་འཐབ་བཏུབ་ནི་དང་ སྡེ་ཚན་ནང་གཅིག་གི་གཅིག་ ཡང་ན་ བཅོ་ཁང་ཚུ་ནང་ ལག་ལེན་འཐབ་བཏུབ་ལས་ ཁྱོད་ལུ་རང་དབང་ཡོད། མི་ཚུ་གིས་ ཤོག་བྱང་གཅིག་དང་ ཤོག་བྱང་གི་དབྱེ་བ་གཅིག་ ཡང་ན་ ག་ར་གདམ་ཁ་རྐྱབ་ཆོག

མི་ཚུ་འཚོལ་ཞིབ་འབད་ནི་དོན་ལས་ ཤོག་བྱང་མ་འདྲཝ་བཞི་ཡོད། དེ་ཡང་

འཆར་སྣང་གི་ཤོག་བྱང་།:(Scenario cards) མི་ཚུ་གི་སྐོར་ལས་ གནས་སྟངས་རིག་ཚོད་མ་འདྲཝ་ཚུ་ནང་ ལྟ་ནི་དོན་ལུ། འདི་ཚུ་ མི་ཚུ་གིས་ ག་ཅིག་སླབ་ཨིན་ན་ སླབ་ནི་དོན་ལས་ཨིན།

དབང་ཆ་གི་ཤོག་བྱང།(Rights cards): འད་ི་ཚུ་ མི་དམངས་དབང་ཆ་གི་ བློ་ཚུ་ཨིན། ཁྱོད་རའི་དབང་ཆ་དང་ ཁྱོད་ཀྱི་དོན་ལས་ ག་ཅི་དོན་སྟོནམ་ཨིན་ན་ལྟ།

དྲི་བའི་ཤོག་བྱང།(Question cards): འདི་ཚུ་ མི་ཚུ་ཁོང་རའི་མི་ཚེ་དང་ཞབས་ཏོག་ དེ་ལས་ ཁོང་ལུ་ ག་ཅི་ཁག་ཆེཝ་ཨིན་ན་ མནོ་བསམ་བཏང་ནི་ དྲི་བ་ཚུ་ཨིན།

ཨིན་མེན་ཤོག་བྱང་(True or false cards): འདི་ཚུ་ ལན་གཅིག་ཡོད་མི་ རིག་བསྡུར་དྲི་བ་ཨིན། དྲི་བ་འདི་ཚུ་ ཨེན་ཌི་ཨའི་ཨེས་ལྷན་ཚོགས་དང་ རིམ་ལུགས་ དེ་ལས་ བྱ་རིམ་ཚུའི་སྐོར་ལས་ཨིན། བརྡ་དོན་ཕན་ཐོགས་ཅན་ཚུ་དང་ འབྲེལ་མཐུད་བཟོ་ནི་དོན་ལས་ ཤོག་བྱང་རེ་ལུ་ ཀིཝ་ཨར་ཀོཊ་ཡོད།

ཤོག་བྱང་འདི་ཨ་ནཱ་ཕབ་ལེན་འབད།:

ཤོག་བྱང་ངོ་མ་འདི་ པར་བཏབ་མི་དང་འགྲེམས་གླ་ལུ་གནས་མི་ འཐུས་ཆུང་ཀུ་གཅིག་སྤྲོད་དེ་ ཐོབ་ནི་ཡོད། ཤོག་བྱང་ངོ་མ་འདི་ དགོ་པ་ཅིན་ འདི་ནང་འབྲེལ་བ་འཐབ་གནང་། [email protected]