Breadcrumb navigation - the following list shows your current location on the website:

ཏི་རུ་དང་འབྲེལ་བའི་གྲོས་ཐག་གཅད་ནི།

ཁྱོད་རའི་ ཏི་རུ་སྐོར་ལས་གྲོས་ཐག་གཅད་ནི་དང་ ཁྱོད་རའི་དངུལ་འབྲེལ་རང་དབང་བཟོ་ནི་འདི་ མི་ཚེ་ནང་ཁག་ཆེ་ཤོས་གཅིག་ཨིན།

ཉེན་སྲུང་ཅན་གྱི་ཏི་རུའི་རིག་རྩལ་དང་ ཁྱོད་རའི་རང་དབང་བཟོ་ནི་འདི་ལུ་ ཁྱོད་ཀྱི་བཟའ་ཚང་དང་ཆ་རོགས་ དེ་ལས་ རྒྱབ་སྐྱོར་པ་ཚུ་ལས་ བྱ་རིམ་འདི་ལུ་རྒྱབ་སྐྱོར་ཐོབ་དགོཔ་གལ་ཆེ།

ང་བཅས་ཀྱིས་ བཟའ་ཚང་ནང་འཁོད་ལུ་ བློ་རིག་སྐྱོན་ཅན་ཚུ་ལུ་ ཏི་རུ་སྐོར་ལས་ཧ་གོ་ནི་དང་ ཁོང་རའི་ དངུལ་གྱི་གྲོས་ཐག་གཅད་གྲོགས་རམ་གྱི་དོན་ལུ་ ལམ་སྟོན་གཅིག་བཟོ་འདི་ཡོད་། ལས་སྟོན་འདི་ རྒྱབ་སྐྱོར་འབད་ཡོད་པའི་གྲོས་ཐག་གཅད་ནི་གིས་ རྣམ་གཞག་ལུ་གཞི་བཞག་སྟེ་བཟོ་ཡོདཔ་ཨིན།

ལམ་སྟོན་འདི་གིས་ བཟའ་ཚང་དང་རྒྱབ་སྐྱོར་པ་ཚུ་ལུ་ བརྡ་དོན་ ཐབས་ལམ་དང་ཐབས་རིག་ཚུ་བྱིནམ་ཨིན། འདི་གིས་ ཏི་རུ་གི་གྲོས་ཐག་གཅད་མི་དང་འབྲེལ་ གོ་སྐབས་དང་ཉེན་ཁ་ ག་ཅི་ཡོད་ག་ཚུ་གི་སྐོར་ལས་བཤདཔ་ཨིན།

འ་ནི་ལམ་སྟོན་འདི་ བཟའ་ཚང་ཚུ་གིས་ བློ་རིག་སྐྱོན་ཅན་ཚུ་ལུ་ དངུལ་གྱི་རང་དབང་ ཉེན་སྲུང་ཅན་སྦེ་བཟོ་ཐབས་ལུ་ ཆ་རོགས་འབད་ནི་དོན་ལུ་ ལག་ལེན་འཐབ་བཏུབ།

ཁྱོད་ཀྱིས་ ལམ་བསྟོན་འདི་འོག་ལུ་ཕབ་ལེན་འབད་ཚུགས།.

ཁྱོད་ཀྱིས་ པ་ལཱསི་(Plus)དང་མའི་ནླསི (Minus) དེ་ལས་ ཉེན་ཁའི་ཨང་རྩིས་དང་སྦྲགས་ སྤྲོ་བ་ཆེ་ཏོག་ཏོ་གི་དཔེ་གཞི་ཚུ་ ལམ་སྟོན་དང་མཉམ་ ཉེན་ཁའི་ཁྲམ་རིས་ཀྱི་དཔེ་གཞི་ཚུ་ཡང་ ཕབ་ལེན་འབད་ཚུགས།:

ང་བཅས་ཀྱིས་ ཏི་རུ་སྐོར་ལས་ གྲོས་ཐག་གཅད་ནི་ འཇམ་ཏོང་ཏོ་སྦེ་ལྷག་ཚུགས་མི་ ཟུར་བརྗོད་ཡང་བཟོ་ཡོདཔ་ཨིན། དེ་ཚུ་ ཁྱོད་ཀྱིས་ འོག་ལུ་ཕབ་ལེན་འབད་ཚུགས།